00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机
免费获取更多无损音乐下载链接
文本歌词
扎西平措 - 故乡
作词:扎门
作曲:扎西平措
ས་ཐག་རིང་གི་གནས་དེ་ན་ ཡུལ་ཞིག་ཡོད།
ཡུལ་དེ་ལ་ངམ་འབྲོག་རིང་མོ་ཟེར།
ཡུལ་དེ་ལ་ཆགས་པའི་མཚོ་མོ་ཞིག་ཡོད།
མཚོ་མོ་དེ་ལ་ངམ་རིང་དཀྱིལ་མཚོ་ཟེར།
ཉིན་མཚན་ཀུན་ཏུ་དྲན་པས།
ཐག་རིང་ང་ཡི་ལ་ཕ་ཡུལ།
དགོང་མོ་མར་དུ་ཉལ་པས།
རྨི་ལམ་ནང་ནས་ལ་མཇལ་བྱུང་།
རི་བོ་དཔུང་འདར་ཤིག་ཤིག།
དགའ་བའི་ཡུལ་དེ་སེམས་ནང་ལ་མཇལ་བྱུང།
དཀྱིལ་མཚོ་ཆུ་མོ་ང་ཡི་བླ་མཚོ།
སྐྱིད་པའི་ཡུལ་མཆོག་མཇལ་དུས།
དགའ་བའི་ངམ་རིང་དྲན་བྱུང་།
ས་ཐག་རིང་གི་གནས་དེ་ན་ ཡུལ་ཞིག་ཡོད།
ཡུལ་དེ་ལ་ངམ་འབྲོག་རིང་མོ་ཟེར།
ཡུལ་དེ་ལ་ཆགས་པའི་གནས་བཟང་ཞིག་ཡོད།
གནས་འདི་ལ་རི་བོ་བཀྲ་བཟང་ཟེར།
ཉིན་མཚན་ཀུན་ཏུ་དྲན་པས།
ཐག་རིང་ང་ཡི་ལ་ཕ་ཡུལ།
དགོང་མོ་མར་དུ་ཉལ་པས།
རྨི་ལམ་ནང་ནས་ལ་མཇལ་བྱུང་།
ཕོ་གཞོན་དཔུང་འདར་ཤིག་ཤིག།
དགའ་བའི་ཡུལ་དེ་སེམས་ནང་ལ་མཇལ་བྱུང།
དམན་ཆུང་བུ་མོ་གསུངས་གཞས་སྙན་པ།
སྐྱིད་པའི་ཡུལ་ཕྱོགས་མཇལ་དུས།
དགའ་བའི་ངམ་རིང་དྲན་བྱུང་།
རི་བོ་དཔུང་འདར་ཤིག་ཤིག།
དགའ་བའི་ཡུལ་དེ་སེམས་ནང་ལ་དྲན་བྱུང་།
དཀྱིལ་མཚོ་ཆུ་མོ་ང་ཡི་བླ་མཚོ།
སྐྱིད་པའི་ཡུལ་ཕྱོགས་དྲན་དུས།
དགའ་བའི་ངམ་རིང་དྲན་བྱུང་།
དགའ་བའི་ངམ་རིང་དྲན་བྱུང་།
ཧུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ང་ཡི་ཕ་ཡུལ།