00:00/00:00
随时随地任意搜索并下载全网无损歌曲
扫描右侧二维码下载歌曲到手机
免费获取更多无损音乐下载链接

文本歌词


NU、德吉老爷、黎智坚措、YOUNG13DBABY、扎西平措、TMJ、1376藏潮文化 - 1376 ROT.Cypher
བསམ་པ་དོན་ལ་འགྲུབ་པའི་སྨོན་ལམ།
ཡང་བསམ་པ་དོན་ལ་འགྲུབ་དགོས་ན་སྨོན་ལམ་བཏབ་པ་ཙམ་གྱིས་ཡོང་རྒྱུ་མ་རེད་། ཨེ་་འགྲུབ་རྒྱུ་མ་རེད
དེ་ན་ལས་ལ་ཐོད།
དེ་ན་དབང་ལ་སྐོར།
ད་1376་དགོས་ན་རེ་བ་དང་གཅིག།
སྤོབས་པ་དང་གཉིས
ལག་ལེན་དང་གསུམ།
བརྩོན་འགྲུས་དང་བཞི་སོགས་དེ་ཚང་མ་འཛོམ་པ།
མ་ཚད་ལྷོད་མེད་ཀྱིས་འབད་པ་དེ་བྱས་ན་ད་1376
མ་ཤེས་ཤེས་མདོག་ རག་གན་གསེར་མདོག་
མ་གཟི་གཟི་མདོག་། ཇ་གཟི་ཆང་ཇག་
བྱེད་མཁན་གྱི་རོགས་པ་དེ་ཚོ་དགྲ་རེད།
རྫུན་དང་ཕྲ་མ།ཕྲག་དོག་མགོ་སྐོར་
མ་ཡིན་ཡིན་མདོག།ཕྱི་རྫིག་ནང་སྟོང་།
བྱེད་མཁན་གྱི་རོགས་པ་དེ་ཚོ་དགྲ་རེད།
དེ་ཚོ་ལ་སྤོངས་། དེ་ཚོ་ལ་དོག། དེ་ཚོ་ལ་གཟབ།
གཞན་ཕན་ཀྱི་ལྷག་བསམ་དཀར་ལ་ འཚོལ་སྙེག་གི་ཕུགས་ལམ་རིང་།
རིགས་ལྷ་ཡི་རྒྱུད་ཡིན།
བོད་བཙན་པོའི་སྲས་ཡིན།
གསར་གཏོད་ཀྱི་རྨི་ལམ་འདི་བདེན་པ་དང་སོ་མ་ཡིན།
འདི་ནི་བློ་གྲོས་ཡིན།
མི་རབས་གསར་བའི་ཚེ་སྲོག
བློ་གྲོས་གསར་བའི་སྙིང་སྟོབས།
མི་རབས་འ
དི་ཡི་དུང་སེམས
་གཙང་མ་མཚོན་པའི
་དབྱངས་རྟ་དག་མ་ཡིན་ལ་མི་རབས་གསར་རྙིང་བར་གྱི་བརྩེ་འདང་ངོ་མ་ཡིན།།
གསར་ གཏོད་ དང་བླ་ན་མེད་པའི་སྙིང་སྟོབས་འདི་དག་ནི་
བདེན་པ་དང་གཟི་བརྗིད་ཀྱིས་བཅིང་པའི་ཡིད་ཆེས་དཀར་པོ་དེ་ཅི་ལ་མིན་་ཏེ།
རེ་སྨོན་དང་གཞན་ཕན་གྱིས་བསྐུལ་བའི་དད་འདུན་ངོ་མ་དེ་ཡང་ཡིན་ནོ།།
བདེ་སྐྱིད་ཚེ་རིང
ཤེས་ན་བཤད། མ་ཤེས་ན་དཔྱད།
ཤེས་ན་མ་ཤེས་ན། ཨེ་ཤེས་མི་ཤེས་ང་ཡིས་བཤད།
ཨེ་བདེན་མི་བདེན་ཁྱེད་ཀྱིས་དཔྱད།
འུར་འུར་ཟིང་ཟིང་།
དུས་མི་འགྱུར། མི་རྣམས་འགྱུར། འགྱུར་མི་འགྱུར་བཤད་པ་ལེན་གསུམ་བྱེད།
བྲེལ་བྲེལ་ཚུབ་ཚུབ།
ནང་མི་གཙོ། ཕྱི་གཙོ། གཙོ་གང་ཆེར་འགྲེལ་བ་ཚིག་གསུམ་རྒྱག
འགའ་རེས། གཅིག་མི་ཉན། གཉིས་མི་རུང་། གསུམ་མི་ཕོད།
མི་ཉན་མི་རུང་མི་ཕོད་དག་དག་བཤད་ནས།
དུས་རབས་ཀྱི་འགྱུར་ལྡོག མ་འོངས་པའི་ཁ་ཕྱོགས།
འཕེལ་རྒྱས་ཀྱི་རྩ་བ་ཕར་ཁར་གཡུགས།
ཚུར་ཁར་གཡུགས། མདུན་གྱི་ལམ་ནས་མ་སོང་། སྒང་གི་རྩེ་ལ་མ་བུད།
མགོ་ཐམས་ཅད་སྦྲིད་གདའ།
ངོ་ཐམས་ཅད་སྐྲང་གདའ།
ཕོ་བ་ཐམས་ཅད་སྦོས་གདའ།
ཨ་མ་མ་གཏོགས་ངོ་མི་ཤེས། སྒོ་ཁ་མ་གཏོགས་ལ་མི་སྤར།
གཞན་སྐྱོན་མ་གཏོགས་གླེང་མི་ཤེས།
ཉི་མ། ཟླ་བ། སྐར་མ། འཛོམས་སའི་ས།
གཙང་པོ་དང་རི་བོ་ ནགས་དང་། ཐང་ཆེན་པོ་སོགས་མ་ཚད།
འགྲོ་བ་མི་ཡི་རིགས་རྒྱུད་ཀྱི་ཐོག་མ་དེ་གངས་ཅན་བོད་ནས་ཆས་ཞིང་།
གོ་ལ་ཡངས་པའི་བདེ་སྐྱིད་ཀྱི་ཞིང་ཁམས་འདི་ན་ཡོད་རེད་ད།
འཛམ་གླིང་གི་རིག་པའི་ཡོན་ཏན་སྙིང་བཅུད་དེ་འདི་ན་ཡོད་རེད་ད།
གཟི་བརྗིད་དང་ལྡན་པའི་ཧི་མ་ལ་ཡ་དེ་བཞུགས་ཡོད་པ་མ་ཟད་དེ།
ཁྱེད་མེད་པའི་གླུ་གཞས་དེ་ང་ལ་ཡང་ཡོད་རེད་ཡ།
ཅི་བསམ་དོན་འགྲུབ།
འཛམ་གླིང་ཞི་བདེ།
བཀྲ་ཤིས་བདེ་ལེགས།
ཞི་བདེའི་ཁྱིམ་གཞིས་ཆེན་མོ་མཉམ་དུ་མངོན་འགྱུར་བྱའོ།
དེང་སང་ཡ་མ་ཟུང་གི་གླུ་བ སྐྱག་འབུ་བཞིན་དུ་མང་།
གཞུང་ལུགས་མི་སྦྱངས་གཞུང་རྟ་མི་དགོས།ཁ་བླའི་བསྡད་ཡོད་ཁ།
ལ་རྒྱ་ཁ་ནང་ཝུ་ཆང་ཁོག་ནང་།སྤུན་ཟླ་ནང་འཛིངས་རེད།
ཡ་མ་ཟུང་གི་བོད་པ་ཚོ། ཁེངས་སྐྱོང་ཁེངས་སྐྱོང་བྱེས།
ལ་རྒྱ་ཡོད་ན་ནང་དམེ་མི་བྱེད།
རྩ་བ་མེད་ནས་རྩེ་མོ་མི་དགོས།
ཆང་གི་བཟི་ནས་ལ་རྒྱ་མ་གླེང་།
ཆང་རྐྱལ། ལབ་རྐྱལ། གཤོབ་རྐྱལ།
རང་མགོ་རང་གི་ཐོན་ནི་བྱོས།
ལ་རྒྱ་ཡོད་མེད་རྗེས་ནས་བལྟ།ཟ་རྒྱུ་འཐུང་རྒྱུ་ཡོད་ན་བཟང་།
བཤད་རྒྱུ་ར་རྩོད་རྒྱུ་མེད་ན་བཟང་།
རྨ་ཆུའི་འབྲོང་ཕྲུག་དར་མ།
ཁ་བ་གདོང་དམར་བོད་པ།
I'mma གཞས་མ་གཏམ་གྱི་གཞས་པ།
They call me ཨ་མདོའི་ཨ་ཁུ་པདྨ།
བདག་གི་ཆུ་ཚདworld wide
Feel like super sanya
སྙིང་ལ་བཅིངས་བའི་དམ་བཅའ།
རྡོ་རྗེ་བཞིན་དུ་བརྟན་པ།
Southside
Can u do it like this
ཁྱོའི་མིག་གིས་ང་འཕུར་ལ་ལྟོས་ལྟོས།
ཁྱོད་རང་གི་ནུས་པ་དེ་ཆེ་ཆེ།
ཡང་འཛིན་མི་ནུས་bird
ཞེན་ལོག་པའི་བརྗེ་རེས།
All of my tigga gone crazy
ཁྱོད་ཚོ་ཡི་རིམ་པ་དམའ་དྲག་པས།
ངས་སེམས་ནང་ནས་
Swear
Boss sh*t raw sh*t
Made in gang sh*t
Move dat brick out bando
I'mma pull up in the red Benz
Started from the bottom now we straight outta grassland
Show u how to be a man
Mxc4ever gang
Yahh 我能走到今天那是天命
Yahh 跨过藏区 rap game 的边境 yahh
只有避开坏人布的陷阱
才有机会接住
每个天上掉下来的馅饼
Pull up wit stick pull up wit stick
All my tiggas do it really quick
Do it really quick
所以免费献上
这段价值超过 3 万块的 verse
让你冬天感到 warm

推荐音乐

热门歌手

最新歌单

声明:本站不存储任何音频数据,站内歌曲来自搜索引擎,如有侵犯版权请及时联系我们,我们将在第一时间处理!

自若本站收录的无意侵犯了DJ或DJ所属公司权益,请通过底部联系方式来信告知,我们会及时处理和回复!领酷音乐网

领酷音乐网-免费MP3下载|流行DJ舞曲|抖音热门歌曲|网络热门歌曲|酷狗音乐排行 版权投诉 请联系我们 123456#qq.com